Lyrics
[Verse 1]
ངའི་མིང་ལ་གངས་རིའི་སྒྲོལ་མ་ཟེར།
ང་འདུག་ས་སྦྲ་ནག་གྲུ་བཞི་ཡིན།
ངའི་སྒོ་ཟོག་ཐུལ་དཀར་འབྲི་མོ་ཡིན།
ངས་འཐུང་རྒྱུ་ཞོ་དང་འོ་མ་ཡིན།
[Verse 2]
ངའི་མིང་ལ་གངས་རིའི་སྒྲོལ་མ་ཟེར།
ངའི་ལུས་ལ་འཇོར་སྒེག་རང་ལྡན་ཡིན།
ངའི་ངག་ལ་རི་གླུ་རང་འཁྱུལ་ཡིན།
ངའི་སེམས་ལ་བྱམས་བརྩེ་རང་ལྡན་ཡིན།
[Verse 3]
ངའི་མིང་ལ་གངས་རིའི་སྒྲོལ་མ་ཟེར།
ངའི་སེམས་པ་གངས་རི་དཀར་པོ་ཡིན།
ངའི་བློ་རྒྱ་མཐའ་ཡས་རྩྭ་ཐང་ཡིན།
ངའི་ཕུགས་བསམ་རྨ་གླུང་རིང་མོ་ཡིན།
ངའི་བློ་རྒྱ་མཐའ་ཡས་རྩྭ་ཐང་ཡིན།
ངའི་ཕུགས་བསམ་རྨ་གླུང་རིང་མོ་ཡིན།
ངའི་ཕུགས་བསམ་རྨ་གླུང་རིང་མོ་ཡིན།
Written by: 傳統, 瑪珍崗尼