Featured In

Credits

PERFORMING ARTISTS
曲楊措
Vocals
COMPOSITION & LYRICS
曲楊措
Composer

Lyrics

[Verse 1]
ཡ་་གངས་ཕྲུག་གནས་སྐོར་ལ་འགྲོ།
སྟོད་མངའ་རིས་སྐོར་གསུམ་ལ་འགྲོ།
བར་དབུས་གཙང་རུ་བཞི་ལ་འགྲོ།
སྨད་མདོ་ཁམས་སྒང་དྲུག་ལ་འགྲོ།
གམ་པ་ལ་རི་བོ་བརྒྱུད་པའི་དུས།
མགོའི་ཞྭ་མོ་ཕུད་ནས་ཀི་གསུམ་བཏབ།
ང་གངས་ཅན་བོད་ཀྱི་བླ་རི་ཡིན།
[Verse 2]
ཡ་་གངས་ཕྲུག་གནས་སྐོར་ལ་འགྲོ།
སྟོད་མངའ་རིས་སྐོར་གསུམ་ལ་འགྲོ།
བར་དབུས་གཙང་རུ་བཞི་ལ་འགྲོ།
སྨད་མདོ་ཁམས་སྒང་དྲུག་ལ་འགྲོ།
རྩེ་པོ་ཏ་ལ་ཡི་ཕོ་བྲང་མདུན།
ལག་ཐལ་མོ་སྦྱར་ནས་ཕྱག་གསུམ་འཚལ།
རྗེ་ཡབ་མེས་ཐུགས་རྗེ་སྙིང་ནས་དྲན།
[Verse 3]
ཡ་་གངས་ཕྲུག་གནས་སྐོར་ལ་འགྲོ།
སྟོད་མངའ་རིས་སྐོར་གསུམ་ལ་འགྲོ།
བར་དབུས་གཙང་རུ་བཞི་ལ་འགྲོ།
སྨད་མདོ་ཁམས་སྒང་དྲུག་ལ་འགྲོ།
སྐུ་ཇོ་ཤཱཀ་རྣམ་གཉིས་མཇལ་བའི་དུས།
ཡུམ་ཀོང་ཇོ་རྣམ་གཉིས་ཡིད་ལ་དྲན།
ང་གངས་ཅན་བོད་ལ་བཀའ་དྲིན་ཆེ།
Written by: 曲楊措
instagramSharePathic_arrow_out