Lyrics
[Verse 1]
ས་འདི་འབྲོག་ས་སྨུག་པོ།།
རྩི་ཤིང་སྨན་སྣ་ལྡེམ་ས།།
མི་འདི་འབྲོག་མྱི་སྨུག་པོ།།
མཛའ་བརྩེའི་ཕྱི་ཐག་རིང་ས།།
མེས་པོའི་རུས་པའི་གཏིང་ལ།།
དཔའ་མཛངས་ལོ་རྒྱུས་བརྐོས་ཡོད།།
མདུང་ནག་རལ་བ་གསིག་པའི།།
ཕྱིང་དཀར་ཁྲབ་ཀྱི་བདག་པོ།།
མདུང་ནག་རལ་བ་གསིག་པའི།།
ཕྱིང་དཀར་ཁྲབ་ཀྱི་བདག་པོ།།
[Verse 2]
ས་འདི་འབྲོག་ས་སྨུག་པོ།།
དཀར་ནག་ཕྱུགས་ཀྱི་གཡང་ར།།
མི་འདི་འབྲོག་མྱི་སྨུག་པོ།།
གཞུང་རྒྱུད་མདའ་ལས་དྲང་ས།།
བློ་ཕུག་མི་ལ་བརྟན་ན།།
སྡོང་གྲོགས་ལྷ་ཡིས་གནང་ཡོང་།།
རྒྱུ་འབྲས་རྒྱ་ཁ་སྲུང་བའི།།
དགེ་སྡུག་ལས་ཀྱི་བདག་པོ།།
རྒྱུ་འབྲས་རྒྱ་ཁ་སྲུང་བའི།།
དགེ་སྡུག་ལས་ཀྱི་བདག་པོ།།
[Verse 3]
ས་འདི་འབྲོག་ས་སྨུག་པོ།།
བསོད་ནམས་མཚོ་ལས་ཟབ་ས།།
མི་འདི་འབྲོག་མྱི་སྨུག་པོ།།
བློ་རྒྱ་མཁའ་ལས་ཡངས་ས།།
རང་གཤིས་དར་དཀར་ངོས་ལ།།
རང་ཚུགས་ཕྱག་ཐམ་ཕབ་ཡོད།།
དམ་ཚིག་དམ་ཁ་ཚ་བའི།།
སྲིད་པ་གངས་ཀྱི་བདག་པོ།།
དམ་ཚིག་དམ་ཁ་ཚ་བའི།།
སྲིད་པ་གངས་ཀྱི་བདག་པོ།།
དམ་ཚིག་དམ་ཁ་ཚ་བའི།།
སྲིད་པ་གངས་ཀྱི་བདག་པོ།།
Written by: 多日, 瑪噢