Lyrics
[Verse 1]
ཆར་བ་ཤག་ཤག་འབབ་པའི་མཚན་མོ་དེ།
ཁ་པར་བརྡ་རྟགས་མེད་པའི་མཚན་མོ་དེ།
ཨ་ཇོ་ལགས།
ཁེར་རྐྱང་འཚོ་བའི་ཁྲོད་ནས་ཁྱེད་རང་དྲན།
[Verse 2]
མཛའ་བོ་མཐོང་རྒྱུ་མེད་པའི་མཚན་མོ་དེ།
སྐར་མའི་མཛེས་སྡུག་མེད་པའི་མཚན་མོ་དེ།
ཨ་ཇོ་ལགས།
མུན་ནག་འཚོ་བའི་ཀློང་ནས་ཁྱེད་རང་དྲན།
[Verse 3]
དྲན་གདུང་སྒྱུ་མས་མནར་བའི་མཛའ་བོ་དེ།
ཡོད་ཚད་ཁྱེད་ལ་བཅངས་བའི་མཚན་མོ་དེ།
ཨ་ཇོ་ལགས།
ཡ་ཆུང་གངས་དཀར་ཀློང་ནས་ཁྱེད་རང་དྲན།
ཨ་ཇོ་ལགས།
ཡ་ཆུང་གངས་དཀར་ཀློང་ནས་ཁྱེད་རང་དྲན།
ཡ་ཆུང་གངས་དཀར་ཀློང་ནས་ཁྱེད་རང་དྲན།
Written by: 曲楊措