Music Video

Featured In

Credits

PERFORMING ARTISTS
修侃
修侃
Performer
COMPOSITION & LYRICS
公版
公版
Composer
PRODUCTION & ENGINEERING
修侃
修侃
Producer
Shartry
Shartry
Producer

Lyrics

ཨེ་མ་ཧོ།
འདི་ནས་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་སུ།།
སངས་རྒྱས་ཀུན་གྱི་རིགས་བདག་སྣང་མཐའ་ཡས།།
ཐུགས་ཀའི་ཧྲཱི༔ཡིག་འགྲོ་བའི་དོན་དུ་འཕྲོས།།
ཀོ་ཤའི་མཚོ་གླིང་པདྨའི་དབུས་སུ་བབས།།
སངས་རྒྱས་ཀུན་འདུས་པདྨ་འབྱུང་གནས་སྐུ།།
པདྨ་འབྱུང་གནས་སྐུ་ལ་གསོལ་བ་འདེབས།།
ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།།
           
རླུང་མཁྲིས་བད་ཀན་འཁྲུགས་པའི་ནད་རིགས་དང།།
འགོ་བའི་ནད་རིགས་མ་ལུས་ཀུན་ཞི་ནས།།
ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་བཟློག།
བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས།།
ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།།
ཅེས་པ་འདི་ཡང་མཁའ་འགྲོའི་བླ་མཚོ་གཡུའི་མཎྚལ་
ཅན་ནས་གདན་དྲངས་པའོ།།
Written by: 公版
instagramSharePathic_arrow_out