Lyrics

作词 : 绵
作曲 : 白日然珠
编曲 : 欧智卓玛
དྲིན་ཆེན་ཕ་མ།
感恩父母
ཚིག སྨན
词:绵
དབྱངས། བེ་རི་རང་གྲོལ།
曲:白日热珠
སྐྱེས་དུས་ཚེ་སྲོག་གནང་བའི།།
རྒས་དུས་རྣམ་ཤེས་གསོ་བའི།།
བཀའ་དྲིན་རི་ལས་མཐོང་བའི།།
སྐུ་དྲིན་མཚོ་ལས་ཆེ་བའི།
ཨ་ཕ་ཨ་མ།
དགའ་སྐྱོ་ཆགས་ལྡང་གི་འཚོ་བའི་རྒྱབ་རྟེན།
སྐྱིད་སྡུག་དར་རྒུད་ཀྱི་མི་ཚེའི་སྐྱབས་གནས།།
དྲིན་ཆེན་ཕ་མ།།
ཁྱིམ་དྲོན་མོའི་མགོན་དུ་བཞུགས་པས་ནང་བཟའ་མི་བདེ་སྐྱིད་རང་གྲུབ།།
གཞས་སྨུག་པོའི་སྲོག་ཏུ་བཞེངས་པས་བུ་བུ་མོ་དགའ་བདེ་སྐྱིད་རང་འཛོམས།།
བཀའ་དྲིན་ཆེའོ་དྲིན་ཆེན་ཕ་མ་ལགས།
དུས་གསུམ་བརྩེ་བའི་སྐྱོང་བའི།།
སྒོ་གསུམ་བྱམས་པས་གསོ་བའི།།
བཀའ་དྲིན་རི་ལས་མཐོང་བའི།།
སྐུ་དྲིན་མཚོ་ལས་ཆེ་བའི།
ཨ་ཕ་ཨ་མ།
དགའ་སྐྱོ་ཆགས་ལྡང་གི་འཚོ་བའི་རྒྱབ་རྟེན།
སྐྱིད་སྡུག་དར་རྒུད་ཀྱི་མི་ཚེའི་སྐྱབས་གནས།།
དྲིན་ཆེན་ཕ་མ།
ལམ་རིང་མོའི་དཔུང་དུ་བཞུགས་པས་ས་གར་སོང་བཀྲ་ཤིས་རང་འཁྱིལ།
བྱེས་སྐྱ་མོའི་རྟེན་དུ་བཞེངས་པས་ཡུལ་གར་བསྡད་བདེ་ལེགས་རང་འཁོར།
བཀའ་དྲིན་ཆེའོ་དྲིན་ཆེན་ཕ་མ་ལགས།
དྲིན་ཆེན་ཕ་མ།
ལམ་རིང་མོའི་དཔུང་དུ་བཞུགས་པས་ས་གར་སོང་བཀྲ་ཤིས་རང་འཁྱིལ།
བྱེས་སྐྱ་མོའི་རྟེན་དུ་བཞེངས་པས་ཡུལ་གར་བསྡད་བདེ་ལེགས་རང་འཁོར།
བཀའ་དྲིན་ཆེའོ་དྲིན་ཆེན་ཕ་མ་ལགས།
Written by: Yi Ming, 白日热珠
instagramSharePathic_arrow_out