Lyrics
སྐུ་ནི་འགྱུར་བ་མེད་པ་ཤེལ་དཀར་ལྕུག་ཕྲན་འདྲ་སོང་།
妙曼身姿犹如水晶柳条
གསུང་ནི་འགག་པ་མེད་པ་ཀ་ལ་པིང་ཀ་འདྲ་སོང་།
美妙声音如同海鸟歌声
ཐུགས་ནི་སྒྲིབ་པ་མེད་པ་ནམ་མཁའ་ཡངས་པོ་འདྲ་སོང་།
宽阔胸膛像是辽阔天空
ངག་དབང་དབྱངས་ཅན་ལྷ་མོ་ངག་གི་དབང་ཕྱུག་སྩོལ་རོགས།
妙音仙女赐我天籁之音
མཛེས་པའི་གཞས་ར་ཁྲ་མོར་གཞས་ཀྱི་མཆོད་པ་བཤམས་ཡོད།
动听的歌儿等候开唱
དགའ་བའི་བྲོ་ར་ཁྲ་མོར་བྲོ་ཡི་མཆོད་པ་ཕུལ་ཡོད།
优美的舞姿等候展现
ལུས་ངག་ཡིད་ཀྱི་མེ་ཏོག་ལྷ་མོ་ཁྱེད་ལ་ཕུལ་ཡོད།
心中之花儿献给仙女
ངག་དབང་དབྱངས་ཅན་ལྷ་མོ་དབྱངས་ཀྱི་མགྲོན་ལ་ཕེབས་ཤོག
欢迎仙女来悦动盛宴
ཚིག་གི་ཉི་མ་གཞོན་ནུ་ཚིག་གི་རྣམ་དཔྱོད་རྒྱས་ཡོད།
动人歌词如阳光般光鲜
དབྱངས་ཀྱི་ཟླ་བ་དཀར་པོ་དབྱངས་ཀྱི་ལང་ཚོ་རྒྱས་ཡོད།
美妙曲调如明月般灿烂
ངག་གི་སྐར་མ་འོད་ཆེན་ངག་གི་འདབ་བརྒྱ་གྲོལ་ཡོད།
嘹亮歌喉如星星般璀璨
ངག་དབང་དབྱངས་ཅན་ལྷ་མོ་ངག་གི་གདན་ལ་བཞུགས་ཤོག
欢迎仙女莅临妙音盛宴
ལྷ་མོའི་མཛེས་སྡུག་ལང་ཚོ་བུ་མོའི་གདོང་ན་བཞད་ཡོད།
仙女青春之花开在少女脸上
ལྷ་མོའི་སྙན་འཇེབས་གསུང་དབྱངས་བུ་མོའི་ངག་ན་འཁྱིལ་ཡོད།
仙女的妙音环绕在少女歌喉
ང་དང་དབྱངས་ཅན་ལྷ་མོ་རི་ཆུ་ཁྲི་ཡིས་བསྐལ་ཀྱང་།
虽我和仙女被千山万水阻隔
ང་དང་ལྷ་མོའི་སེམས་པ་རི་ཆུ་བཞིན་དུ་འདྲེས་ཡོད།
但仙女和我的心儿永不分离