Featured In

Credits

PERFORMING ARTISTS
拉吉
拉吉
Performer
COMPOSITION & LYRICS
嘉央
嘉央
Composer
曲陀堪布
Songwriter

Lyrics

ཕྱི་ནང་གི་རྟེན་འབྲེལ།
内外的缘起
ཚིག མཁན་པོ་ཆོས་ཐོ།
དབྱངས། འཇམ་དབྱངས།
ལེན་མཁན། ལྷ་སྐྱིད།
作词:曲陀堪布
作曲:嘉央
演唱:拉吉
ཡུལ་རི་ཆུ་ལུང་པ་ནགས་ཚལ་དང་སྤང་ལྗོངས།།
ཆག་བཞག་ན་རང་ཁྱིམ་དྲོན་མོ་འདིིའི་རང་བཞིན།།
ཕྱིའི་གད་སྙིགས་ཕུང་པོ་རང་དགར་དུ་མ་འདོར།།
ཁྱིམ་གྲུ་བཞི་མི་གཙང་ལྗན་ལྗིན་གྱིས་གང་ཡོང་།།
ཤིང་ལྗོན་པ་ཡིད་འོང་ལོ་འདབ་ཀྱི་ཕང་ཕོང་།།
ཆག་བཞག་ན་ལུས་ཀྱི་ཁྲག་རྩ་དང་རྒྱུས་པ།།
རྩྭ་རྩི་ཤིང་བཅད་ནས་འཁོར་ཡུག་ཀུན་མ་བརླགས།།
ལུས་ཡན་ལག་འཁུམ་སྟེ་ཞ་བོ་རུ་འགྱུར་འགྲོ།།
མཚོ་མཚེའུ་བཞུར་རྒྱུན་ཆུ་བོ་ཀུན་ཡོད་ཚད།།
ཆག་བཞག་ན་རང་ལུས་ཟུངས་ཁྲག་གི་དྭངས་མ།།
ཆུ་འབག་བཙོག་དྲི་མས་གཏོར་བརླག་ཏུ་མ་གཏོང་།།
ཁྲག་མི་སྙོམ་འཁྲུགས་པས་ནད་པ་རུ་ལོག་འགྲོ།།
ཕྱིའི་ཡུལ་ལྗོངས་ཡིད་འོང་འཇིག་རྟེན་གྱི་ཞིང་ཁམས།།
ཆག་བཞག་ན་རང་ལུས་འདོམ་གང་འདི་ངོ་མ།།
ཡུལ་ས་རྐོ་རྡོ་སློག་བྱ་བ་ལ་མ་ཞུགས།།
ལུས་ཤ་རུས་བཅད་ནས་རྨས་མ་རུ་འགྱུར་འགྲོ།།
ཕྱི་འཇིག་རྟེན་སྣོད་ཀྱི་འཁོར་ཡུག་གི་བཀོད་པ།།
ནང་རང་ལུས་འདི་ལ་ཆག་བཞག་གིས་དཔྱད་ནས།།
ཕྱིའི་འཕྲོད་བསྟེན་བཟང་པོའི་རྩ་བ་ཞིག་ཚུགས་ན།།
ནང་ལུས་ཕུང་བརྟན་པའི་གཞི་མ་རུ་འགྱུར་འོང་།།
歌词大意:
Written by: 嘉央, 曲陀堪布
instagramSharePathic_arrow_out